Tuesday 18 December 2012


རང་སྲེག་བརྒྱ་ལ་ཉེ་། ང་ཚོས་གང་བྱེད་དགོས་རེད་།

ད་གཟོད་བོད་མི་དགུ་བཅུ་ལྷག་རང་ལུས་མེར་སྲེག་བཏངཟིན་འདུག་། རང་ལུས་མེར་སྲེག་བཏང་དགོས་པའི་རྒྱུ་མཆན་གཙོ་བོ་དེ་རྒྱ་ནག་གཞུང་གི་བོད་སྐད་ ཡིག་དང་རིག་གཞུང་རྩ་མེད་དུ་གཏོང་རྒྱུའི་མ་རབས་ཀྱི་སྲིད་བྱུས་དེ་ལ་ངོ་རྒོལ་ བྱེས་ཏེ་རང་ལུས་མཆོད་མེ་ལྟར་མེར་སྲེག་བཏང་གནང་ཡོད་རེད་། དེ་འདྲ་དཔའ་བོ་དཔའ་མོ་བོད་སྤྱི་པའི་དོན་དང་འཛམ་གླིང་ཞི་བདེ་ཡོང་བའི་ཆེད་དུ་ རང་ལུས་མེར་སྲེག་གཏོང་བཞིན་པའི་སྐབས་༧གོང་ས་མཆོག་བོད་ལ་གདན་དྲེན་ཞུ་དགོས་ དང་་བོད་མི་རང་དབང་གཙང་མ་དགོས་པའི་འབོད་སྒྲ་དང་བཅས་འདས་གྲོངས་སུ་ཕྱིན་པ་ རེད་། ཉེ་ཆར་གྱི་གསང་རྒྱུའི་ནང་དཔའ་བོ་དཔའ་མོ་ཁྱོན་སྡོམས་དགུ་བཅུ་གོ་བཞི་ལ་སླེབས་ འདུག་ཟེར་བའི་གནས་ཚུལ་དེ་འདྲ་མཐོས་དུས་ང་ཆོ་བཅན་བྱོལ་བ་རྣམས་དཔའ་བོ་དཔའ་མོ་ ག་ཚོད་རང་ལུས་མེར་སྲེག་གཏོང་གི་འདུག་དེ་ལ་གྲངས་ག་བརྒྱབ་ནས་མི་བསྡོད་པར་རང་ རང་སོ་སོའི་བོད་དོན་ཐོག་གང་བྱེད་ཐུབ་དེ་བྱེད་དགོས་།་རྒྱ་གར་དང་ཕྱི་རྒྱལ་ སོགས་ལ་ཡོད་པའི་བོད་མི་རྣམས་ལ་བོད་ནང་ཡོད་པའི་བོད་མི་ལ་མེད་པའི་རང་དབང་དེ་ ཆ་ཚང་ཞིག་ང་ཚོར་ཡོད་རེད་། རང་དབང་དེ་སོ་སོའི་དོན་དག་གྲུབ་རྒྱུ་དང་སོ་སོའི་སྐྱིད་པོ་ཁོ་ན་བསམ་བཞིན་ བསྡོད་ན་ནོར་བ་རེད་། འཛམ་གླིང་འདིའི་ནང་མི་མང་པོ་ཞིག་བོད་དོན་མཐོག་མཁྱེན་གྱི་མེད་པ་རེད་། དེ་འདྲ་སོང་ཙང་དྲ་རྒྱ་བརྒྱུས་ན་ཡང་ཁ་པར་བརྒྱད་ན་ཡང་ཕན་ཚུན་འབྲེལ་བ་ཡོང་བའི་ ལམ་གང་འདྲ་ཞིག་ཡིན་ཡང་དེའི་བརྒྱུད་ནས་བོད་པའི་གནས་ཚུལ་རྣམས་བཤད་པ་བཟོས་བ་ དང་ཕན་ཚུན་བགྲོ་གླེང་བྱེད་ན་ཡག་པོ་ཡོད་རེད་། གཞན་ལ་བཤད་ན་གཞན་གྱི་རྒྱབ་སྐྱོར་རག་གི་རེད་། མཐའ་མ་དེ་ལ་ད་ལྟ་བར་དུ་དཔའ་བོ་དཔའ་མོ་རང་ལུས་མེར་སྲེག་བཏང་བ་རྣམས་སྐྱེས་བ་ བཟང་པོ་ཞིག་དང་༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་ཁྲི་ལོ་བར་གནསཔར་ཤོག།  བོད་རྒྱལ་ལོ་།།།